ཞབས་ཏོག་ལྷན་ཁག་གི་སྐོར།

ཞབས་ཏོག་ལྷན་ཁག་འདི་སྤྱི་ལོ་༢༠༠༣ ལུ་  ལམ་སེལ་ལས་ཁུངས་དང་ ཁྲོམ་ཚོགས་གོང་འཕེལ་དང་ བཟོ་རིག་ཞབས་ཏོག་ལས་ཁུངས་ཟེར འཕྲུལ་རིགས་ལས་ཁུངས་གཙོ་ཅན་གཉིས་ད ང་ཅིག་ཁར་འབད་གཞི་བཙུགས་འབད་ནུག། 

ཞབས་ཏོག་ལས་ཁུངས་ཀྱི་ གཤམ་གསལ་གྱི་ལཱ་འགན་ཚུ་འབདཝ་ཨིན།

  • རྒྱལ་ཁབ་ནང་ལུ་ དངོས་ཁམས་ཀྱི་གཞི་རྟེན་དང་འབྲེལ་བ་ཡོད་པའི་ འཆར་གཞི་བརྩམ་ནི་དང་ སྲིད་བྱུས་ཚུ་བཟོཝ་ཨིན།
  • དངོས་ཁམས་ཀྱི་གཞི་རྟེན་དང་འབྲེལ་བའི་ བཅའ་ཁྲིམས་/ ཁྲིམས་ལུགས/ གནས་ཚད་ཚུ་གསར་བཟོ་དང་བསྟར་སྤྱོད་འབདཝ་ཨིན།
  • རྒྱལ་ཁབ་ནང་ འཕྲུལ་རིགས་མི་སྟོབས་ཀྱི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ནང་ མཉམ་འབྲེལ་འབདཝ་ཨིན།
  • འོས་འབབ་དང་ལྡན་པའི་ བཟོ་སྐྲུན་གྱི་བཟོ་གྲྭ་ཁང་ གོང་འཕེལ་གཏང་ནིའི་ སྲིད་བྱུས་ཚུ་བཟོ་དོ་ཡོདཔ་ཨིན།
  • འཕྲུལ་རིགས་ མཐའ་འཁོར་གནས་སྟངས་དང་ སྔར་སྲོལ་གྱི་བརྩི་མཐོང་ཚུ་གི་བར་ན་ མཉམ་འབྲས་རྒྱུན་སྐྱོང་འབད་བཞག་ཚུགས་པའི་ ཞིབ་འཚོལ་གོང་འཕེལ་བཏང་ནི་དང་ འོས་འབབ་དང་ལྡན་པའི་མི་སྡེ་གཞི་ཆགས་ཀྱི་དོན་ལུ་ འཆར་གཞི་དང་སྲིད་བྱུས་ཚུ་གསར་བཟོ་འབདཝ་ཨིན།

   རྒྱབ་ཁུངས།

སྤྱི་ལོ་༡༩༦༠ ལུ་ དཔལ་འབྱོར་གོང་འཕེལ་གྱི་ འཆར་གཞི་འགོ་བཙུགས་པའི་རྗེས་སུ་ འཆར་གཞི་༥ པ་འགོ་བཙུགས་མི་དང་འབྲེལ་ གཞི་རྟེན་གོང་འཕེལ་གྱི་ལས་སྣ་ སྒྲིང་ཁྱིམ་དང་ འཁོར་ལམ་ ཟམ་ དང་འཐུང་ཆུ་བཀྲམ་སྤེལ་ དེ་ལས་ ཆུ་གཡུར་ལ་སོགས་པའི་བཟོ་སྐྲུན་གྱི་ལས་སྣ་ཚུ་གིས་ གཞུང་གིས་ མ་རྩ་གཞི་བཙུགས་ སྦོམ་སྦེ་ར་ བཟོ་ཡོདཔ་ཨིན།

ལོ་༤༠ ལྷག་པའི་ དཔལ་འབྱོར་གོང་འཕེལ་འཆར་གཞི་ནང་ རྒྱལ་ཁབ་ཀྱིས་ གོང་འཕེལ་འགྱོ་བའི་ ཁྲོམ་དང་ མཐའ་ཟུར་གྱི་ གཡུས་སྒོ་བརྩིས་ཏེ་ གྲོང་གསེབ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ མང་རབས་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན།

རྒྱལ་ཁབ་ནང་ ལྷག་པར་དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ལུང་ཕྱོགས་ནང་ སྔར་སྲོལ་བརྩི་མཐོང་དང་ ལམ་སྲོལ་ དེ་ལས་ མཐའ་འཁོར་གནས་སྟངས་ཚུ་ ཚད་མཉམ་བཟོ་ནིའི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ ལེགས་ཤོམ་དགོཔ་འདུག

གཞི་རྟེན་མཐུན་རྐྱེན་ མཁོ་སྤྲོད་ཀྱི་ཐད་ཁར་ གོང་འཕེལ་དང་འགྱུར་བ་ འགྱོ་མི་དང་འབྲེལ་ དབང་ཆ་ཡོད་པའི་ལས་ཚོགས་ཡང་གོང་འཕེལ་འགྱོ་ཡོདཔ་ཨིན། ལས་ཚོགས་དང་པ་དེ་ཡང་ འབྲུག་བཟོ་རིགས་ཞབས་ཏོག་ཟེར་ བཟོ་སྐྲུན་གྱི་ལས་སྣ་ཚུ་ལྟ་རྟོག་འབད་ནིའི་དོན་ལུ་ སྤྱི་ལོ་༡༩༦༢ ལུ་ གཞི་བཙུགས་འབད་ཡོད་རུང་ ཤུལ་ལས་ སྤྱི་ལོ་༡༩༦༦ ལུ་ མི་མང་ལས་མི་ལས་ཁུངས་སྦེ་ མིང་བསྒྱུར་བཅོས་འབད་ཡོདཔ་ཨིན།

མ་གཞི་ མི་མང་ལས་མི་ལས་ཁུངས་དེ་ གོང་འཕེལ་ལྷན་ཁག་འོག་ལུ་ གཞི་བཙུགས་འབད་ཡོད་རུང་ ཤུལ་ལས་ མི་སྡེ་ཞབས་ཏོག་ལྷན་ཁག་གིས་ གྲོང་གསེབ་དང་ ཁྲོམ་༢ ཆ་རའི་ གཞི་རྟེན་མཐུན་རྐྱེན་དང་འབྲེལ་བའི་ བཟོ་སྐྲུན་འབད་ནི་ གཙོ་ཅན་བསྒྱུར་སོང་ཡོདཔ་ཨིན།

དེ་ལས་ བརྒྱུད་འབྲེལ་ལྷན་ཁག་འོག་ལུ་ ལམ་སེལ་ལས་ཁུངས་དང་ ཁྲོམ་ཚོགས་གོང་འཕེལ་དང་ ཁྱིམ་བཟོ་ལས་ཁུངས་༢ དེ་ འཕྲུལ་རིགས་ཀྱི་ ལས་ཁུངས་ངོ་མ་ཨིན་པས། ཤེས་རིག་དང་ གསོ་བ་ ཁྲོམ་སྡེ་ཨུ་ཚུགས་ དེ་ལས་ སྒེར་སྡེ་དགོས་མཁོ་ཡར་སེང་ སོང་མི་དང་འཁྲིལ་ཏེ་ གདོང་ལེན་གསརཔ་ བྱུང་སྟེ་འབད་རུང་ གོང་འཕེལ་གྱི་ གྲུབ་འབྲས་ལེགས་ལྡན་བྱུང་སྟེ་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན།

སྤྱི་ལོ་༡༩༩༩ ལུ་ འབྲུག་གཞུང་དེ་ གཞུང་སྐྱོང་ལེགས་ལྡན་དང་ ལྕོགས་གྲུབ་ཡར་དྲག་ དེ་ལས དྭགས་སེལ་དང་ འགན་ཁྲི་ཚུ་ གོང་འཕེལ་གཞི་བསྒྱུར་སྐབས་ གྲོས་འདེབས་མང་རབས་ཅིག་ མཉམ་སྡེབ་འབད་ཡོདཔ་ཨིན།

གྲོས་འདེབས་གཅིག་དེ་ བརྒྱུད་འབྲེལ་ལྷན་ཁག་དང་ བཟོ་སྐྲུན་ལྷན་ཁག་གསར་་བཟོ་འབད་དེ་ གཞི་བསྒྱུར་འབད་ནི་ ཡོདཔ་བཞིན་དུ་ ཤུལ་ལས་ བཟོ་སྐྲུན་ལྷན་ཁག་དེ་ མིང་བསྒྱུར་བཅོས་འབད་དེ་ ཞབས་ཏོག་ལྷན་ཁག་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན།

དེ་དང་འཁྲིལ་ཏེ་ ཞབས་ཏོག་ལྷན་ཁག་དེ་ སྤྱི་ལོ་༢༠༠༣ ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ ལྷན་ཁག་གི་འོག་ལུ་ ལམ་སེལ་ལས་ཁུངས་དང་ བཟོ་རིག་ཞབས་ཏོག་ལས་ཁུངས་ དེ་ལས་ ཞབས་ཏོག་ལས་ཁུངས་བརྩིས་ཏེ་ ལས་ཁུངས་༣ ཡོདཔ་ཨིན།

 

Print Friendly, PDF & Email
© 2016 Ministry of Works and Human Settlement | Legal Disclaimer | Sitemap | [Top] | Best viewed in Chrome and Firefox browsers