དྲུང་ཆེན་སྐོར།

བློན་པོ་འོགམ་ དྲགོས་ཀརྨ་ལས་འཕྲོས:བློན་པོ་འོགམ་ དྲགོས་ཀརྨ་ལས་འཕྲོས་ཀྱི་ སྤྱི་ལོ་༡༩༥༥ ལུ་ འགྲེམ་དང་ལྕགས་འཕྲིན་གཏོང་ལེན་ནང་ལུ་ འགོ་དཔོན་གྱི་ཕྱག་འགན་བཞེས་ཏེ་ ལཱ་གཡོག་འགོ་གཙུགས་ཡོདཔ་དང་ སྤྱི་ལོ་༡༩༦༥ ལུ་དེ་གིས་འགོ་འཛིན་མཛད་གནང་ནུག།  སྤྱི་ལོ་༡༩༧༠ ལུ་ བརྡ་དོན་དང་བལྟ་གཤལ་ལྷན་ཁག་གི་ དྲུང་ཆེན་འབད་གནས་སོར་གཏང་ཡོདཔ་དང་ སྤྱི་ལོ་ ༡༩༨༥ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བློན་པོ་འོགམ་ལུ་ གོ་གནས་ཡར་སེང་གནང་ནུག་  དྲགོས་མཆོག་གིས་ དགོངས་ཞུ་མ་འབད་བའི་ཧེ་མར་ རྒྱ་གར་ལུ་འབྲུག་གི་གཞུང་ཚབ་དང་ རྒྱལ་འཛིན་གྲོས་སྟོན་ཚོགས་སྡེའི་ ཁྲི་འཛིན་འབད་ཕྱག་ཞུ་ནུག།

བློན་པོ་འོགམ་དྲགོས་གནག་རྡོ་རིན་ཆེན:བློན་པོ་འོགམ་དྲགོས་གནག་རྡོ་རིན་ཆེན་གྱི་  སྤྱི་ལོ་༡༩༦༣ ལུ་ བརྒྱུད་འབྲེལ་ལྷན་ཁག་ནང་ལུ་ཕྱག་ལཱ་འགོ་བཙུགས་ཡོདཔ་དང་  བློན་པོ་འོགམ་མ་མཆོག་གིས་ ལོ་ངོ་བཅུ་ཕྲག་གསུམ་གྱི་ནང་འཁོད་  ལྷན་ཁག་ནང་ལུ་  ཕྱག་འགན་མང་རབ་ཅིག་བཞེས་ཏེ་ནནུག་ དུ་ལས་སྤཡི་ལོ་༡༩༨༨  ལས་ ༡༩༩༣ ཚུན་ལུ་ བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་མཛད་ཡོདཔ་ཨིན།

དྲགོས་རྡོ་རྗེ་བསྟན་འཛིན:དྲགོས་རྡོ་རྗེ་བསྟན་འཛིན་ སྤཡི་ལོ་༡༩༦༤ ལུ་ གོང་འཕེལ་ལྷན་ཁག་ནང་ལུ་ཕྱག་ལཱ་འགོ་བཙུགས་ཡོདཔ་ཨིན་ དྲགོས་མཆོག་གིས་་ཤུལ་ལས་ ལྷན་ཁག་ཁག་དང་ལྷན་ཚོགས་མང་རབ་ཅིག་ནང་ཕྱག་འགན་མ་འདྲཝ་ལེ་ཤ་བཞེས་་ནུག་ སཔྱི་ལོ་༡༩༨༤ སྤྱི་ཟླ་༤པའི་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བཀབ་ནེ་དམརཔ་གནང་ནུག་ སྤྱི་ལོ་༡༩༨༩ ལས་༢༠༠༢་ཚུན་ བརྒྱུད༌འབྲེལ་ལྷན་ཁག་གི་དྲུག་ཆེན་མཛད་ཡོདཔ་ཨིན།

དྲུང་ཆེན་ཚེ་རིང་རྡོ་རྗེ:དྲགོས་དྲུང་ཆེན་ཚེ་རིང་རྡོ་རྗེ་གིས་ སྤྱི་ལོ་༡༩༧༥ ལུ་ ལས་མི་ལཱ་གཡོག་ལས་མཚན་ནང་ལུ་བཟོ་རིག་འགོ་དཔོན་འབད་ ལཱ་འགོ་བཙུགས་ནུག་ ཕྱག་འགན་བང་རབ་ཅིག་ནང་ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༡༩༩༤ ལུ་ ལམ་སེལ་ལས་ཁུངས་ཀྱི་མདོ་ཆེན་མཛད་ཡོདཔ་དང་ སྤཡི་ལོ་༡༩༩༨ ལུ་ ཁྱིམ་བཟོ་དང་ཁྲོམ་ཚོགས་གོང་འཕེལ་ལས་ཁུངས་ནང་གི་ཡོངས་ཁྱབ་མདོ་ཆེན་མཛད་ནུག་ སྤྱི་རོ་༢༠༠༣ ལས་༢༠༠༨ ཚུན་ བརྒྱུད་འབྲེལ་ལྷན་ཁག་གི་ དྲུང་ཆེན་མཛད་ཡོདཔ་ཨིན།

དྲུང་ཆེན་ཉི་མ་དབང་འདུས:དྲགོས་དྲུང་ཆེན་ཉི་མ་དབང་འདུས་ཀྱི་ སྤྱི་ལོ་༡༩༧༧ ལུ་ ནང་སྲིད་ལྷན་ཁག་ནང་ལུ་འབད་ཕྱག་ལཱ་འགོ་གཙུགས་ཡོདཔ་དང་  དེ་ལས་ གསོ་བ་དང་ཤེས་རིག་ལྷན་ཁག་ གངུལ་རྩིས་ལྷན་ཁག་དང་ དེ་ལས་ ཁྲོམ་སྡེང་ལུ་ཁྲོམ་དཔོན་འབད་ཕྱག་ཞུ་ནུག་ སྤྱི་ལོ་༢༠༠༧ ཟླ་༢༠༠༧ ལུ་ ཞབས་ཏོག་ལྷན་ཁག་ནང་ལུ་ དྲུང་ཆེན་གྱི་གོ་གནས་བཞེས་ཏེ་ སྤྱི་ལོ་༢༠༡༡ ཟླ་༥ པ་ཚུན་ ཕྱག་ཞུ་ནུག།

དྲོགས་ དྲུང་ཆེན་ དྲག་ཊོར་ བསོན་ནམས་བསྟན་འཛིན:དྲོགས་ དྲུང་ཆེན་ དྲག་ཊོར་ བསོན་ནམས་བསྟན་འཛིན་གྱི་ སྤྱི་ལོ་ ༡༩༨༣ ལུ་  གསོ་བ་དང་ཤེས་རིག་ལྷན་ཁག་ནང་ལུ་ གསོ་བའི་དྲུང་འཚོ་འབད་གཞུང་གཡོག་ནང་ལུ་འཛུལ་ཞུགས་མཛད་ཡོདཔ་དང་ དྲགོས་མཆོག་གིས་ རྫོང་ཁག་གསོ་བའི་འགོ་དཔོན་དང་ ལས་འགུལ་འཛིན་སྐྱོང་པ་ གླིང་སྡེའི་གསོ་བའི་འགོ་དཔོན་ དང་ རྫོང་བདག་ དེ་ལས་ ཡོངས་ཁྱབ་མདོ་ཆེན་དང་ དྲུང་ཆེན་ལ་སོགས་པའི་གོ་གནས་མང་རབ་ཅིག་བཞེས་ནུག་ སྤྱི་ལོ་༢༠༡༡ སྤྱི་ཟླ་ ༦ པ་ལས་ སྤྱི་ལོ་༢༠༡༥ ཟླ་༥ པ་ཚུན་ཞབས་ཏོག་ལྷན་ཁག་གིས་དྲུང་ཆེན་མཛད་ཡོདཔ་ཨིན།

དྲགོས་ཕུན་ཚོགས་དབང་འདུས:དྲགོས་ཕུན་ཚོགས་དབང་འདུས་ཀྱི་ སྤྱི་ལོ་༡༩༨༤ ལུ་  བརྒྱུད་འབྲེལ་ལྷན་ཁག་ ལམ་སེལ་ལས་ཁུངས་འོག་ལུ་ བཟོ་རིག་འགོ་དཔོན་གྱི་ཕྱག་འགན་བཞེས་པའི་ཤུལ་ལུ་ སྤྱི་ལོ་༢༠༠༣ ལུ་ ལས་ཁུངས་འདི་ནང་ར་ མདོ་ཆེན་ལུ  གོ་གནས་ཡར་སེང་ཐོབ་ཞིནམ་ལས་ སྤྱི་ལོ་༢༠༠༨ སྤྱི་ཟླ་ ༡༡ པ་ཚུན་ མདོ་ཆེན་འབད་ཕྱག་ཞུ་ཡོདཔ་ཨིན་ དེ་གིས་ཤུལ་ལས་ འབྲུག་གི་གནས་ཚད་ལས་ཁང་ནང་ལུ་ ཡོངས་ཁྱབ་མདོ་ཆེན་འབད་ཕྱག་ཞུ་ནུག་  སྤྱི་ལོ་༢༠༡༥ ལུ་མི་དབང་མངའ་བདག་རིན་པོ་མཆོག་གིས་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་འབད་བསྐོས་བཞག་གནང་མི་དང་འབྲེལ་ ཞབས་ཏོག་ལྷན་ཁག་ནང་ལུ་ སྤྱི་ལོ་ ༢༠༡༨ ཚུན་ཕྱག་ཞུ་ཡོདཔ་ཨིན།

Print Friendly, PDF & Email
© 2016 Ministry of Works and Human Settlement | Legal Disclaimer | Sitemap | [Top] | Best viewed in Chrome and Firefox browsers