བློན་པོའི་སྐོར།

བློན་པོ་སངས་རྒྱས་དཔལ་འབྱོར:བློན་པོ་སངས་རྒྱས་དཔལ་འབྱོར་གྱི་སྤྱི་ལོ་༡༩༧༠ལུ་ བརྒྱུད་འབྲེལ་ལྷན་ཁག་གི་བློན་པོ་མཛད་ཡོདཔ་ཨིན། བློན་པོ་གིས་གཞུང་བཀའ་བློན་དང་ འབྲུག་གི་ཁྲིམས་སྤྱི་བློན་པོ་ དེ་ལས་ ཡུ་ཨེན་དང་ ནིའ྄་ཡོག་ལུ་ འབྲུག་པའི་གཏན་འཇགས་སྐུ་ཚབ་ དང་ རྒྱ་གར་ནིའ྄་དི་ལི་དང་ཀུ་ཝེཊ་ལུ་འབྲུག་པའི་གཞུང་ཚབ་འབད་ཕྱག་ཞུ་ནུག། བློན་པོ་སངས་རྒྱས་དཔར་འབྱོར་གྱི་ སྤྱི་ལོ་ ༡༩༧༠ ལས་ ༡༩༧༡ ཚུན་ བརྒྱུད་འབྲེལ་བློན་པོ་འབད་ཕྱག་ཞུ་ནུག།

བློན་པོ་སངས་རྒྱས་དཔལ་འབྱོར:བློན་པོ་དྲོག་ཊར་ཀྲི་སྟོབས་རྒྱལ་ཀྱི་ སྤྱི་ལོ་༡༩༥༤ ལུ་ལཱ་གཡོག་ནང་འཛུལ་ནུག སྤྱི་ལོ་༡༩༦༤ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གི་ བཀབ་ནེ་དམརཔ་དང་དྲག་ཤོས་ཀྱི་གོ་གནས་གནང་ནུག། བློན་པོ་གི་ གོང་འཕེལ་ལས་ཁུངས་ཀྱི་དྲུང་ཆེན་སྤྱི་ཁྱབ་ དང་ རྒྱ་གར་ལུ་ འབྲུག་གི་གཞུང་ཚབ་འབད་ ཐེངས་གཉིས་ཕྱག་ཞུ་ནུག་ ཁོ་གི་ཕྱི་འབྲེལ་དྲུང་ཆེན་འབད་ཡང་ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་༡༩༨༥ ལུ་ བློན་པོ་ལུ་ བཀབ་ནེ་ལི་དབང་གནང་ཡོདཔ་དང་ སྤྱི་ལོ་ ༡༨༩༨༧་ ལས་ ༡༩༩༢ ཚུན་ མི་སྡེའི་ཞབས་ཏོག་ལས་ཁུངས་ནང་ལུ་ བློན་པོ་འབད་ཕྱག་ཞུ་ནུག།

བློན་པོ་འོགམ་ ལས་སྐྱིད་རྡོ་རྗེ:བློན་པོ་འོགམ་ ལས་སྐྱིད་རྡོ་རྗེ་གིས་ སྤྱི་ལོ་༡༩༦༣ ལུ་ འབྲུག་གི་བསྟན་སྲུག་དམག་སྡེ་ནང་ལུ་འབད་ ཕྱག་འགན་འགོ་བཙུགས་ནུག ཁོ་གིས་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་པོའི་དྲུང་ཆེན་ཡིག་ཚང་ ཐོ་བཀོད་ལས་ཁུངས་དང་ སོ་ནམས་ལྷན་ཁག་ཚུ་ནང་ ཕྱག་འགན་མང་རབ་ཅིག་བཞེས་ནུག སྤྱི་ལོ་༡༩༩༡ ལུ་ སོ་ནམ་ལྷན་ཁག་གི་ བློན་པོ་འོགམ་མཛད་ཡོདཔ་དང་ སྤྱི་ལོ་ ༡༩༩༤ ལས་༢༠༠༣ ཚུན་ བརྒྱུད་འབྲེལ་ལྷན་ཁག་གི་འགོ་འཛིན་འབད་ཕྱག་ཞུ་ནུག།

བློན་པོ་དྲག་ཊར་ཀུན་བཟང་རྡོ་རྗེ:བློན་པོ་དྲག་ཊར་ཀུན་བཟང་རྡོ་རྗེ་གིས་སྤྱི་ལོ་༡༩༧༦ ལུ་ ཐིམ་ཕུག་ལུ་འབད་སྒོ་ནོར་གཤག་བཅོས་དྲུང་འཚོ་འབད་ གཞུང་གཡོག་ནང་འཛུལ་ནུག འདི་ལས་བཟུང་བློན་པོ་གིས་ བློན་ཆེན་དང་ རྒྱལ་ཡོངས་ཚེོགས་འདུའི་ཚོགས་དཔོན་ དེ་ལས་ སོ་ནམས་བློན་པོ་ལ་སོགས་པའི་ཕྱག་འགན་མང་རབ་ཅིག་བཞེས་ཡོདཔ་དང་ སྤྱི་ལོ་༢༠༠༣ ལས་༢༠༠༨ ཚུན་ ཞབས་ཏོག་ལྷན་ཁག་གི་བློན་པོ་མཛད་ནུག།

བློན་པོ་ཡེ་ཤེས་སྦྱིན་པ:བློན་པོ་ཡེ་ཤེས་སྦྱིན་པ་གི་ སྤྱི་ལོ་༡༩༧༦ ལུ་ དངུལ་རྩིས་བློན་པོ་གྱི་ཕྱག་འགན་བཞེས་ཏེ་ ཚེ་གཡོག་འགོ་བཙུགས་ནུག བློན་པོ་གིས་ སྤྱི་ལོ་ ༡༩༧༦ ལས་ ༡༩༩༧་ ཚུན་ དངུལ་རྩིས་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་དང་ དེ་གིས་ཤུལ་ལས་དྲུང་ཆེན་གྱི་ཕྱག་འགན་བཞེས་ནུག སྤྱི་ལོ་༡༩༩༨ ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ དངུལ་རྩིས་བློན་པོ་འབད་བསྐོས་བཞག་གནང་ཡོད་མི་དང་འབྲེལ་ སྤྱི་ལོ་༢༠༠༣ ཚུན་ཕྱག་ཞུ་ནུག སྤྱི་ལོ་ ༢༠༠༣ ལས་༢༠༠༧ ཚུན་ བསྟན་རྒྱས་ལྷན་ཁག་གི་བློན་པོ་འབད་ཕྱག་ཞུ་ཡོདཔ་དང་ དེ་གི་ཤུལ་ལས་སྲིད་ཚོགས་ནང་བཅའ་མར་གཏོགས་ནི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན། སྤྱི་ལོ་ ༢༠༠༨ ལས་༢༠༡༣ ཚུན་ཞབས་ཏོག་བློན་པོ་འབད་ཕྱག་ཞུ་ཡོདཔ་ཨིན།

བློན་པོ་རྡོ་རྗེ་ཆོས་སྒྲོན:བློན་པོ་རྡོ་རྗེ་ཆོས་སྒྲོན་གྱི་སྤྱི་ལོ་༡༩༨༥ ལུ་ མི་དམངས་ལས་གཡོག་ལས་ཁུངས་ནང་ལུ་ ཞིབ་རོགས་བཟོ་རིག་འགོ་དཔོན་འབད་ ཚེ་གཡོག་འགོ་བཙུགས་ནུག བློན་པོ་གིས་ བརྒྱུད་འབྲེལ་ལྷན་ཁག་ གསོ་བ་དང་ཤེས་རིག་ལྷན་ཁག་ དེ་ལས་ ཞབས་ཏོག་ལྷན་ཁག་ཚུ་ནང་ ཕྱག་འགན་མང་རབ་ཅིག་བཞེས་ནུག བློན་པོ་གིས་ སྤྱི་ལོ་༢༠༠༣ ལུ་ འབྲུག་གི་གནས་ཚད་ལས་ཁང་གི་མདོ་ཆེན་མཛད་ཡོདཔ་ཨིན། སྤྱི་ལོ་༢༠༠༦ ལས་༢༠༡༢ ཚུན་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ནང་ལུ་ ལྷན་འཛིན་ཀྱི་གོ་གནས་བཞེས་ཡོདཔ་དང་ དེ་ལས་  སྤྱི་ལོ་༢༠༡༣ ལས་༢༠༡༨ ཚུན་ ཞབས་ཏོག་ལྷན་ཁག་གི་བློན་པོ་མཛད་ཡོདཔ་ཨིན།

བློན་པོ་རྡོ་རྗེ་ཚེ་རིང:བློན་པོ་རྡོ་རྗེ་ཚེ་རིང་གི་ ཞབས་ཏོག་ལྷན་ཁག་ནང་ལུ་ སྤྱི་ལོ་༢༠༡༨་ སྤྱི་ཟླ་ ༡༡ པའི་ སྤྱི་ཚེས་༦ ལུ་ འཛུལ་བཞུགས་མཛད་ཡོདཔ་དང་ སྲིད་ཚོགས་ནང་ལུ་མ་འཛུལ་བའི་ཧེ་མར་ ལམ་སེལ་ལས་ཁུངས་ནང་ལུ་ ལོ་ངོ་བདུན་གྱི་རིང་ཕྱག་ཞུ་ཡོདཔ་ཨིན།

Print Friendly, PDF & Email
© 2016 Ministry of Works and Human Settlement | Legal Disclaimer | Sitemap | [Top] | Best viewed in Chrome and Firefox browsers