ཟམ་སྡེ་ཚན།

ཟམ་སྡེ་ཚན་གྱི་འགན་དབང་།
༡. ཟམ་ས་ཁོངས་ངོས་འཛིན་དང་ ཟམ་གྱི་དོན་ལུ་ བཟོ་བཀོད་དང་ བརྟག་ཞིབ་ཚུ་འབད་ནི།
༢. ཟམ་ཚུ་གི་དོན་ལུ་ གནས་ཚད་ཅན་གྱི་ བཟོ་བཀོད་དང་ ལམ་སྟོན་ དེ་ལས་ དམིགས་བསལ་གྱི་འཕྲུལ་རིག་ གྲ་སྒྲིག་འབད་ནི།
༣. ཟམ་གྱི་བཟོ་བཀོད་དང་ ས་ཁྲ་ཁ་གསལ་བཀོད་ནི།
༤. ཟད་འགྲོ་ཚད་རྩིས་དང་ འབོར་ཚད་ཀྱི་ རྩིས་ཐོ་གྲ་སྒྲིག་འབད་ནི།
༥. ཟམ་གྱི་ལས་སྣ་ཚུ་གི་དོན་ལུ་ འཆར་གཞི་དང་ འཆར་དངུལ་གྱི་ བྱ་སྒོ་སྒྲིག་ནི།
༦. བཟོ་བཀོད་དང་ དམིགས་གསལ་བཟོ་བཀོད་ཀྱི་ཁ་གསལ་དང་འཁྲིལ་ འཆར་གཞི་བརྩམ་ཡོད་པའི་ ཟམ་གྱི་ལས་སྣ་ཚུ་ ལག་ལེན་འགོ་བཙུགས་ནི།
༧. ཟམ་དང་ ཆུ་གཤམ་བདའ་གི་ ལཱ་འབད་བའི་སྐབས་ ལུང་ཕྱོགས་ཡིག་ཚང་དང་ ལས་འགུལ་ཚུ་ལུ་ རྒྱབ་སྐྱོར་འབད་ནི།
༨. ཟམ་གྱི་ལཱ་གི་དོན་ལུ་ རིན་བསྡུར་ཡིག་ཆ་བསྐྱར་ཞིབ་དང་ གྲ་སྒྲིག་འབད་ནི།
༩. ཟམ་བཟོ་སྐྲུན་ ལཱ་གི་སྤུས་ཚད་ ལྟ་རྟོག་འབད་ནི།
༡༠. སྤྱིར་གཏང་ ཁག་འབགཔ་དང་ ལས་འགུལ་འཛིན་སྐྱོང་གྱི་ བཀོད་རྒྱ་འབད་ནི།
༡༡. ལཱ་གཡོག་ཉེན་སྲུང་ ལྟ་རྟོག་འབད་ནི།
༡༢. ཟམ་བཟོ་སྐྲུན་གྱི་ ལཱ་འབད་བའི་སྐབས་ འཕྲུལ་རིག་གི་ རྒྱབ་སྐྱོར་འབད་ནི།
༡༣. ཟམ་རྐྱབ་ནི་ལྟ་རྟོག་ གྲོས་བསྟུན་གྱི་ ཞབས་ཏོག་ཚུ་ མཁོ་སྒྲུབ་འབད་ནི།
༡༤. རྫུས་བཟོ་ བཟོ་སྐྲུན་ དེ་ལས་ གོ་རིམ་གྱི་རི་མོ་ཚུ་ བསྐྱར་ཞིབ་འབད་ནི།
༡༥. ཟམ་ག་ར་ དགོས་མཁོ་ཞབས་ཏོག་གནས་ཚད་ཅན་སྦེ་ ལྟ་རྟོག་འཛིན་སྐྱོང་འབད་ནི།
༡༦. ལུང་ཕྱོགས་ཡིག་ཚང་ཚུ་གིས་ ཟམ་རྒྱུན་སྐྱོང་གྱི་ ལས་སྣའི་དོན་ལུ་ འཆར་དངུལ་ཞུ་བ་དང་ ལག་ལེན་འཐབ་ཡོད་མི་ཚུ་བསྐྱར་ཞིབ་འབད་ནི།
༡༧. ཟམ་གྱི་ཐོ་ཚུ་བཞག་ནི།
༡༨. ཟམ་དང་འབྲེལ་བའི་ རྒུད་འཐུས་ཀྱི་ བྱ་རིམ་སྒྲིག་ནི།
༡༩. བ་ཟམ་བཟོ་སྐྲུན་ཐོག་ལས་ རང་ལུགས་ཀྱི་བཟོ་བཀོད་ཚུ་ དཔེ་སྟོན་འབད་ནི།
༢༠. རྐང་ལམ་ཟམ་གྱི་ ཉམས་གསོ་བཟོ་བཀོད་འབད་ནི།
༢༡. ཟམ་བཟོ་སྐྲུན་འབད་ཚར་ཞིནམ་ལས་ འབྲེལ་ཡོད་ལས་སྡེ་ཚུ་ མཉམ་འབྲེལ་ཐོག་ལུ་ ཐག་བཅད་ཀྱི་ ཞིབ་དཔྱད་ཚུ་འབད་ནི།
༢༡. བཟོ་རིག་འགོ་དཔོན་ཚུ་ལུ་ ཟམ་ས་ཁོངས་ གདམ་འཐུ་དང་ བརྟག་ཞིབ་ལཱ་ བཟོ་བཀོད་ ས་ཁྲ་གྲ་སྒྲི་ ཟད་འགྲོ་ཚོད་རྩིས་ དེ་ལས་ཟམ་འཛིན་སྐྱོང་གི་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ནི།

Print Friendly, PDF & Email
© 2016 Ministry of Works and Human Settlement | Legal Disclaimer | Sitemap | [Top] | Best viewed in Chrome and Firefox browsers