ལུང་ཕྱོགས་ཡིག་ཚང་།

ལུང་ཕྱོགས་ཡིག་ཚང་ཚུ་གི་འགན་དབང་།
བཟོ་སྐྲུན་སྡེ་ཚན།
༡. འཁོར་ལམ་དང་ ཟམ་བཟོ་སྐྲུན་གྱི་ལས་སྣ་ཚུ་ ཡར་དྲག་གཏང་ནིའི་བཀོད་རྒྱ་བྱིན་ནི།
༢. བཟོ་སྐྲུན/ལེགས་བཅོས་ཀྱི་ལས་སྣ་ཚུ་ བསྐྱར་ཞིབ་དང་ བསྡུ་སྒྲིག་འབད་དེ་ ཟླ་རིམ་གྱི་ གྲུབ་འབྲས་སྙན་ཞུ་ཚུ་ ལུང་ཕྱོགས་ཡིག་ཚང་བརྒྱུད་དེ་ ལམ་སེལ་ལས་ཁུངས་ ཡིག་ཚང་ལྟེ་བ་ལུ་ཕུལ་ནི།
༣. བཟོ་སྐྲུན་/ལེགས་བཅོས་ཀྱི་ ལས་སྣ་ཚུ་གི་དོན་ལུ་ ལོ་བསྟར་འཆར་དངུལ་ཞུ་བ་དང་ ལོ་བསྟར་ལཱ་གི འཆར་གཞི་ཚུ་བཟོ་ནི།
༤. ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་དང་འཁྲིལ་ བཟོ་སྐྲུན/ལེགས་བཅོས་ཀྱི་ལས་སྣ་ཚུ་གི་ དངོས་སྟར་དང་ དངུལ་འབྲེལ་གྱི་ མདུན་སྐྱོད་ཚུ་ བསྐྱར་ཞིབ་འབད་ནི་དང་ ཆེ་མཐོའི་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་ནི།
༥. བཟོ་སྐྲུན/ལེགས་བཅོས་ཀྱི་ ལས་སྣ་ཚུ་གི་ ས་ཁྲ་དང་ གནས་གོང་སྔོན་རྩིས་ དེ་ལས་ གསལ་བཀོད་ཚུ་ བསྐྱར་ཞིབ་དང་ ཆ༌འཇོག་འབད་ནི།
༦. བཟོ་སྐྲུན/ལེགས་བཅོས་ཀྱི་ ལས་སྣ་ཚུ་གི་དོན་ལུ་ གོང་ཚད་དབྱེ་དཔྱད་དང་ གྲངས་ཚད་བརྟག་ཞིབ་འབད་ནི།
༧. ཆ་འཇོག་གྲུབ་པའི་ འཆར་དངུལ་དང་འཁྲིལ་ བཟོ་སྐྲུན/ལེགས་བཅོས་ཀྱི་ ལས་སྣ་ཚུ་གི་དོན་ལུ་ འཕྲུལ་རིག་དང་ དངུལ་འབྲེལ་གནང་བ་ དེ་ལས་ བདག་སྐྱོང་གི་ གནང་བ་ཚུ་ལེན་ནི།
༨. བཟོ་སྐྲུན/ལེགས་བཅོས་ཀྱི་ ལཱ་གི་དོན་ལུ་ རིན་བསྡུར་ཡིག་ཆ་ གྲ་སྒྲིག་དང་ གསལ་བསྒྲགས་འབད་ནི་ དེ་ལས་ རིན་བསྡུར་དབྱེ་ཞིབ་དང་ ལཱ་ཚུ་སྤྲོད་ནི།
༩. ས་ཁོངས་གནས་ཚད་ཀྱི་ རིན་བསྡུར་ཚོགས་ཆུང་ཞལ་འཛོམས་ འགོ་འདྲེན་འཐབ་ནི་དང་ གྲོས་ཆོད་ཚུ་ ཐོ་བཀོད་འབད་ནི། ཁག་འབགཔ་དང་ ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་དང་ ལས་བྱེདཔ་ནང་འཁོད་ལུ་ མཉམ་འབྲེལ་ཞལ་འཛོམས་ འགོ་འདྲེན་འཐབ་ནི།
༡༠. ཁག་འབགཔ་ལཱ་དང་འབྲེལ་བའི་ ཉོགས་བཤད་དང་ གནད་དོན་ཚུ་ བརྟག་ཞིབ་དང་ བསྐྱར་ཞིབ་འབད་དེ་ མ་འོངས་པའི་ལཱ་ཚུ་གི་དོན་ལུ་ འབྲེལ་ཡོད་འགྱུར་བཅོས་ཚུ་ མཉམ་སྡེབ་འབད་ནི།
༡༡. ཁག་འབགཔ་གནད་དོན་ དཔེར་ན་ དུས་ཚོད་ཕར་འགྱངས་ ཐ་དད་ལ་སོགས་པ་ཚུ་ བསྐྱར་ཞིབ་འབད་དེ་ གྲོས་ཆོད་ཀྱི་དོན་ལུ་ འོས་འབབ་དང་ལྡན་པའི་ རིན་བསྡུར་ཚོགས་ཆུང་ལུ་ཕུལ་ནི།
༡༢. ཡན་ལག་སྡེ་ཚན་ཚུ་གི་ འོག་ལུ་ཡོད་པའི་ ལེགས་བཅོས/བཟོ་སྐྲུན་གྱི་ལས་སྣ་ཚུ་ ལྟ་རྟོག་འབད་དེ་ ཁག་འབགཔ་དང་ ལས་ཁུངས་གཉིས་ཆ་ར་ བསྟར་སྤྱོད་འབད་ཡོད་པའི་ལཱ་ཚུ་ སྤུས་ཚད་ཅན་དང་ དུས་ཚོད་ཁར་མཇུག་བསྡུ་ཚུགསཔ་ ངེས་བརྟན་བཟོ་ནི།
༡༣. ཁག་འབགཔ་ ཡང་ན་ ལས་ཁུངས་གཉིས་ཀྱིས་ འབད་མི་ལཱ་ཚུ་ མཉམ་འབྲེལ་ཐོག་འཇལ་ནི།
༡༤. ལུང་ཕྱོགས་ཡིག་ཚང་གི་ འོག་ལུ་ཡོད་པའི་ གལ་གནད་ཅན་གྱི་ལཱ་ཚུ་ འགོ་དཔོན་གཞན་དང་ ལས་བྱེདཔ་ཚུ་དང་ མཉམ་འབྲེལ་འབད་ཐོག་ ཚན་རིག་བརྟག་དཔྱད་ཚུ་འབད་ནི།
༡༥. རྩིས་ཐོ་ཚུ་ མཐའ་དཔྱད་མ་འབད་བའི་ཧེ་མར་ ལཱ་གི་སྤུས་ཚད་ཚུ་ ངེས་བརྟན་བཟོ་ཞིནམ་ལས་ ཡན་ལག་ཡིག་ཚང་ཚུ་གི་ ཚན་རིག་བརྟག་དཔྱད་འབད་ཡོད་མི་ཚུ་ བསྐྱར་ཞིབ་དང་ ཆ་འཇོག་འབད་ནི།
༡༦. བཟོ་སྐྲུན/ལེགས་བཅོས་ཀྱི་ ལས་སྣ་ཚུ་གི་དོན་ལུ་ འཕྲུལ་ཆས་དང་ མཁོ་ཆས་ཚུ་གི་གླ་ཆ་ ཁག་འབག་འཛིན་ཤོག་ཚུ་ དངུལ་རྩིས་སྡེ་ཚན་ནང་ མ་ཕུལ་བའི་ཧེ་མར་ མཉམ་འབྲེལ་ཐོག་ བདེན་དཔྱད་འབད་ནི།
༡༧. ལཱ་འབད་སའི་ ས་ཁོངས་ནང་ མཁོ་ཆས་དང་འཕྲུལ་ཆས་ཚུ་ སྤུས་ཚན་ཅན་དང་ ཚད་ལྡན་སྦེ་ ཐོབ་ཡོདཔ་ངེས་བརྟན་བཟོ་ནི་དང་ ལྟ་རྟོག་པའི་ བཀོད་རྒྱ་དང་འཁྲིལ་ གློ་བུར་གྱི་ཞིབ་དཔྱད་ཚུ་ འགོ་འདྲེན་འཐབ་ནི།
༡༨. བཟོ་རིག་གཙོ་འཛིན་གྱི་ བཀོད་རྒྱ་དང་འཁྲིལ་ ལས་མི་མཉམ་འབྲེལ་གྱི་ གླ་མཐུས་ཚུ་སྤྲོད་ནི།
༡༩. ལུང་ཕྱོགས་ཡིག་ཚང་གྱི་ ཡིག་ཐོ་དང་ ཁག་འབག་གན་ཡིག་ལ་སོགས་པ་ཚུ་ བདག་འཛིན་དང་ ཉེན་སྲུང་འབད་ནི།

རྒྱུན་སྐྱོང་སྡེ་ཚན།
༡. ཟམ་དང་ འཁོར་ལམ་ཚུ་ གློ་བུར་རྒྱུན་སྐྱོང་དང་ དུས་མཚམས་ དེ་ལས་ དུས་རྒྱུན་ལཱ་བཀོད་འབད་ནི།
༢. ཡིག་ཚང་ལྟེ་བ་ལས་ འགོ་བཙུགས་ཏེ་ ལུང་ཕྱོགས་ དེ་ལས་ ལམ་སེལ་ལས་ཁུངས་ཀྱི་ རྒྱུན་སྐྱོང་དང་ བཟོ་སྐྲུན་གྱི་ ལཱ་ཚུ་ བསྐྱར་ཞིབ་དང་ ཟླ་རིམ་བཞིན་དུ་ གྲུབ་འབྲས་སྙན་ཞུ་ཚུ་ བསྡུ་སྒྲིག་འབད་ནི།
༣. རྒྱུན་སྐྱོང་གྱི་ ལས་སྣ་ཚུ་གི་དོན་ལུ་ ལོ་བསྟར་འཆར་དངུལ་ གྲོས་འཆར་དང་ ལོ་བསྟར་འཆར་གཞི་ ལཱ་ཚུ་གྲ་སྒྲིག་འབད་ནི།
༤. ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་དང་འཁྲིལ་ རྒྱུན་སྐྱོང་ལས་སྣ་ཚུ་གི་ དངོས་སྟར་དང་ དངུལ་འབྲེལ་གྱི་ མདུན་སྐྱོད་ཚུ་ བསྐྱར་ཞིབ་འབད་ནི་དང་ ཆེ་མཐོའི་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་ནི
༥. ས་ཁྲ་དང་ ཟད་འགྲོ་ཚོད་རྩིས་ གཏན་འཇགས་དམིགས་བསལ་ དུས་མཚམས་ དེ་ལས་ གློ་བུར་གྱི་རྒྱུན་སྐྱོང་ལས་སྣ་ཚུ་ བསྐྱར་ཞིབ་དང་ ཆ་འཇོག་འབད་ནི།
༦. རྒྱུན་སྐྱོང་གྱི་ལས་སྣ་ཚུ་གི་ གོང་ཚད་དབྱེ་དཔྱད་དང་ གྲངས་ཚད་བརྟག་ཞིབ་འབད་ནི།
༧. ཆ་འཇོག་གྲུབ་ཡོད་པའི་ འཆར་དངུལ་དང་འཁྲིལ་ རྒྱུན་སྐྱོང་གྱི་ལས་སྣ་ཚུ་གི་དོན་ལུ་ འཕྲུལ་རིག་དང་ དངུལ་འབྲེལ་གནང་ བའི་ བྱ་རིམ་སྒྲིག་ནང་དང་ བདག་སྐྱོང་གྱི་ གནང་བ་ཚུ་ལེན་ནི།

Print Friendly, PDF & Email
© 2016 Ministry of Works and Human Settlement | Legal Disclaimer | Sitemap | [Top] | Best viewed in Chrome and Firefox browsers